སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ཟས་ཚྭ་གཞན་སྤྱོད་ཀྱི་ནུས་པ།

སྤེལ་དུས། 2017-01-11 11:47:10    རྡེབ་ཚད།
མཉམ་སྤྱོད་གནས།
   

 

                                        ཟས་ཚྭ་གཞན་སྤྱོད་ཀྱི་ནུས་པ།
                                                                    ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     
   ཁྱེད་ཀྱིས་ཤེས་སམ། ཚྭ་འདི་ཟས་ཀྱི་བྲོ་བའི་ཆེད་དུ་སྤྱོད་རྒྱུ་འབའ་ཞིག་མིན་པར། འཚོ་བའི་ཁྲོད་བེད་སྤྱོད་གཏོང་ཡུལ་མང་པོ་ཡོད་པ་ནི། ལ་ལ་ཁྱེད་ཀྱིས་བསམ་ཡུལ་ལས་འདས་སོ།
  1.མེ་ཏོག་སོས་པར་སྤྱོད་པ། ཆུ་སྐྱེས་མེ་ཏོག་གསོ་བྱེད་ཀྱི་ཆུའི་ནང་ཚྭ་ཏོག་ཙམ་བླུགས་ན། མེ་ཏོག་རབ་ཏུ་འཚར་ལ་བཞད་ཡུན་རིང་དུ་འགྲོ།
  2.ཤིང་འབྲས་ཐོག་གི་ཞིང་སྨན་སེལ་བ། ཤིང་འབྲས་འཁྲུ་བའི་སྐབས་ཚྭ་ཏོག་ཙམ་བླུགས་ནས་འཕུར་ན། ཤིང་འབྲས་སྟེང་གི་ཞིང་སྨན་འདག་འགྲོ་བ་དང་། ཚྭ་ཆུའི་ནང་ཤིང་འབྲས་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་སྦང་ན་ཞིང་སྨན་གཙང་སེལ་ཡོང་ཐུབ།
  3.སྤྱན་གཟིགས་ཉ་མོའི་ཚེ་ཚད་འཕེལ་བ། ཉ་གསོའི་ཤེལ་གཞོང་ནང་ཏཱན་རྒྱུ་མེད་པའི་ཚྭ་ཕྲན་བུ་བླུགས་ན། ཉ་དུས་ཡུན་རིང་པོ་འཚོ་ཐུབ།
  4.ཆུ་མོག་མི་རྡོལ་བ་ཡོང་ཐུབ། སྔོན་ལ་གྲོ་ཞིབ་ནང་ཚྭ་ཕྲན་བུ་བླུགས་ནས་བརྫིས་རྒྱག་པ་དང་། ཆུ་མོག་བཙོ་སྐབས་ཆུའི་ནང་ཚྭ་ཕྲན་བུ་བླུགས་ན་ཆུ་མོག་མི་རྡོལ་བ་ཡོང་ཐུབ། ཐུག་པ་བསྐོལ་དུས་དེ་ལྟར་བྱས་ན་ཐུག་པ་ལྡག་གུ་ཆགས་མི་ཡོང་།
  5.སོ་ཡི་ནད་འབུ་ཕྲ་མོ་སེལ་བ། སོ་བཀྲུ་སྐབས་སོ་སྨན་ཐོག་ཚྭ་ཏོག་ཙམ་བཞག་ན་ཁ་ནང་གི་ནད་འབུ་ཕྲ་མོ་མེད་པ་བཟོ་ཐུབ།
  6.གོས་ཀྱི་ཚོས་གཞི་མི་འགྱུར་བ། ཚོས་འབུད་སླ་བའི་གོས་མི་གྱོན་གོང་། ཚྭ་ཆུའི་ནང་ཆུ་ཚོད་གཅིག་གཉིས་སྦང་རྗེས་འཁྲུ་ན། གོས་ཀྱི་ཚོས་གཞི་སྔར་བཞིན་གནས་ཐུབ།
  7.ཇ་དྲེག་འདག་པ། དཀར་ཡོལ་ནང་ཇ་དྲེག་འཁོར་སླ་བས། དཀར་ཡོལ་འཁྲུ་སྐབས་དྲེག་པ་ཡོད་སར་ཚྭ་ཡིས་འཕུར་ན་དྲེག་པ་འདག་སླའོ།
 
  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།