སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ཡུལ་སྲོལ་གོམས་གཤིས་ཀྱི་སྐོར་ལས་ཁ་བཏགས།

སྤེལ་དུས། 2016-11-28 18:47:14    རྡེབ་ཚད།
མཉམ་སྤྱོད་གནས།
   

 ཁ་བཏགས་ཞེས་པ་ནི་ཐོག་མར་བླ་དཔོན་སོགས་ལ་མཇལ་འཕྲད་ཞུ་བའི་སྐབས། སྐྱབས་འཇུག་ཞུ་བའི་གཏམ་གྱི་སྔོན་འགྲོར། ཁ་ནས་གླེང་དགོས་པའིོ་དོན་རྣམས་ནག་ནོག་ལ་སོགས་དྲི་མའི་ལྷད་མེད་པའི་དར་དཀར་གྱི་ལམ་ལ་དྲངས་ནས་ཕ་རོལ་གྱི་སྐུ་ལུས་ལ་སྒྲོན་པའམ་བཏགས་པའི་མཚོན་ཚུལ་བླ་ན་མེད་པར་བྱ་བ་ན། མིང་ལའང་ཁ་བཏགས་ཞེས་ཐོགས་པ་རེད། འོན་ཀྱང་ཕྱིས་སུ་དེར་འཕོ་འགྱུར་ཆེན་པོ་བྱུང་ནས་རིམ་པས་རང་གི་བླ་ན་མེད་པའི་དད་སེམས་དང་དགའ་སྐྱོ་མཚོན་པར་བྱེད་པའི་རྟེན་རྫས་ཁྱད་པར་ཅན་ཞིག་ཆགས་པ་རེད།

   བོད་པ་རྣམས་ཀྱི་ཁ་བཏགས་བེད་སྤྱོད་ཡུལ་ནི་རྟེན་འབྲེལ་ཁོ་ན་ཙམ་མིན་པར། བཀྲ་མི་ཤིས་པའི་དོན་རྐྱེན་དཔེར་ན་མི་ཤི་ལྟ་བུ་བྱུང་ན། འདས་པའི་ཕུང་བོ་ཕྱིར་འདོན་སྐབས། ལམ་སྣེ་འདྲེན་པ་ཞེས་ཁ་བཏགས་ཀྱི་སྣེ་གཅིག་ཕུང་པོར་བཏགས། སྣེ་གཅིག་སྐྱེ་པ་དྲག་པ་ཞིག་གི་ཕྱག་ཏུ་བཟུང་ནས་འཁྲིད་དེ། འདས་པོ་དེ་ལམ་དཀར་པོར་འདྲེན་པའི་ལམ་སྟོན་གྱི་མཚོན་ཚུལ་བྱེད་པ་དང་། གདན་དར་ཞེས་འགྲུལ་པ་ཕྱོགས་ལ་ཐོན་རྗེས། དེ་བཞུགས་སའི་གདན་ཐོག་ལ་མཇལ་དར་སྒྲོན་པ། དགོན་པར་མཆོད་མཇལ་ལ་འགྲོ་སྐབས། རྙན་ཤལ་ཞེས་རང་གི་དད་པ་མཚོན་པའི་ཆེད་དུ་ལྷ་སྐུ་ལ་ལྷ་རེག་སྒྲོན་པ་ལ་སྤྱོད་ཁུངས་ཤིན་ཏུ་མང་པོ་ཡོད།

   བོད་ཀྱི་ལུགས་སྲོལ་ལ། ཁ་བཏགས་ཕན་ཚུན་སྒྲོན་སྐབས་རང་གི་ལག་ན་ཡོད་པའི་ཁ་བཏགས་དེ་ཕར་ཕྱོགས་ཀྱི་མགྲིན་ལ་སྒྲོན་དགོས་པ་ནི་ཀུན་གྱིས་མཁྱེན་མོད་ཀྱང་། སྒྲོན་སའི་ཡུལ་དེ་རང་ལས་དགུང་ལོ་བགྲེས་པའམ། ཡང་ན་བླ་དཔོན་ལྟ་བུ་ཞིག་ཡིན་ན། ཁོང་གི་ཕྱག་ཏུ་ལག་གཉིས་པོས་གུས་ཞབས་དང་བཅས་པར་དལ་མོར་ཕུལ་བ་ལས། ཐད་ཀར་མགྲིན་ལ་སྒྲོན་ན། མཐོ་རིམ་ལ་གུས་ཞབས་མེད་པར་བརྩི་བ་མ་ཟད། ལྷག་དོན་བུད་མེད་སོགས་ཀྱིས་བླ་མའི་སྐུ་ལ་མཇལ་དར་ཐད་ཀར་སྒྲོན་པ་ནི་དེ་བས་ཀྱང་བྱས་མི་ཆོགགཞན་ཡང་ལྷ་ས་བ་རྣམས་ཀྱིས་མཇལ་དར་གཉའ་ནས་མར་སྒྲོན་ལ། གཙང་པ་བས་མཇལ་དར་མགྲིན་ནས་ཡར་སྒྲོན་པའི་ཁྱད་པར་ཡང་ཕྲན་བུ་ཡོད།

   གཞན་ཡང་ཁ་བཏགས་ལ་རིམ་པའི་དབྱེ་བ་ཕྱེ་ན། ནང་མཛོད་དང་། ཨ་ཤེ། ཟུབ་ཤེ། བསོད་བཏགས་ཞེས་པ་ལ་སོགས་རིགས་མང་བས་མ་ཚད། ཆེས་ཐོག་མའི་བོད་ཀྱི་ཁ་བཏགས་ནི་རྒྱུ་བལ་དཀར་ལས་གྲུབ་པའི་དངོས་པོ་ཞིག་ཡོད་སྐད་འདུག

  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།