སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

གཅན་ཚའི་མདའ་རྩེད།(སློབ་མའི་སྦྱངས་རྩོམ)8 ཚེ་རིང་དབང་ཕྱུག

སྤེལ་དུས། 2018-09-30 10:33:51    རྡེབ་ཚད།
མཉམ་སྤྱོད་གནས།
   

                                            གཅན་ཚའི་མདའ་རྩེད།

དྲུག་གཉིས་འཛིན་གྲྭ། ཚེ་རིང་དབང་ཕྱུག
གནའ་དུས་སུ།མདའ་གྲི་མདུང་གསུམ་ནི་ང་ཚོའི་མེས་པོ་རྣམས་ཀྱིས་རི་དྭགས་བརྔོན་པ་དང་དགྲ་བོ་འགོག་པའི་ལག་ཆ་གལ་ཆེན་ཞིག་ཡིན།དེ་ནས་བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་གཙོ་བོ་མདའ་གྲི་མདུང་གསུམ་གྱི་མཚོན་ཆར་བརྟེན་ནས་མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་ཤིང་མངའ་ཁོངས་རྒྱ་བསྐྱེད་དེ་དམག་ཁྲིམས་དམ་ཞིང་སྒྲིག་གཞི་ཚང་ལ་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་འཛུགས་བསྐྲུན་བྱས་པའི་ལོ་རྒྱུས་གསལ་བོ་ཡོད།  
དེང་གི་དུས་སུ་མདའ་ནི་རྩེད་མོའི་རྣམ་པར་གྱུར་ཏེ་ལོ་རེ་བཞིན་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ།ཁུལ་དང་རྫོང་།ཞང་དང་སྡེ་བ་བྱས་ནས་འགྲན་བསྡུར་གྱི་བྱེད་སྒོ་སྣ་མང་གང་ས་གང་དུ་སྤེལ་བཞིན་ཡོད་ལ།ལོ་གསུམ་རེའི་ནང་ནས་རྒྱལ་སྤྱིའི་རང་བཞིན་གྱི་མདའ་འཕེན་གདན་ཞུའི་འགྲན་བསྡུར་དང་མདའ་སྟོན་དུས་ཆེན་གཉིས་མཉམ་གཅིག་ཏུ་མདའ་རྫོང་གཡང་གི་ར་བ་སྟེ་རང་རེའི་གཅན་ཚ་རྫོང་ནས་སྤེལ་བཞིན་ཡོད།  
ད་ལོ་ཡང་ལོ་འཁོར་སྔོན་མ་དག་དང་འདྲ་བར་རང་རྫོང་གི་རྩལ་སྦྱང་ར་བ་ནས་སྤྱི་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་ཐམ་པའི་སྟེང་རྒྱལ་སྤྱིའི་མདའ་འཕེན་འགྲན་བསྡུར་དང་མདའ་སྟོན་དུས་ཆེན་གྱི་མཛད་སྒོ་དངོས་སུ་མགོ་བརྩམས་པ་རེད།དེའི་སྟེང་དུ་རྒྱལ་ཁབ་དང་ཞིང་ཆེན།ཁུལ་དང་རྫོང་རིམ་པའི་མགོ་ཁྲིད་མང་པོ་ཞུགས་ཡོད་ལ།  རྒལ་ཁབ་ཕྱི་ནང་ནས་ཡོང་བའི་མདའ་རྩལ་རུ་ཁག་བརྒྱ་ལྷག་གིས་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་ཁྱད་ཆོས་ངོམ་ནས་ཞུགས་ཡོང་པར་མ་ཟད།ཕྱོགས་སོ་སོ་ནས་ཡོང་བའི་མགྲོན་པོ་དང་ལྟད་མོ་བ་ཡང་སྤང་གི་མེ་ཏོག་བཞིན་བགྲང་གིས་མི་ལང་ལ།དགའ་བའི་དགོད་སྒྲ་དང་སྤོབས་པའི་ངར་སྐད་འབྲུག་སྟོང་ལྡིར་བ་དང་མཚུངས་ཤིང་བརྗིད་པའི་ཉམས་བརྒྱ་ཀུན་ནས་ལྡན་པས་ཕྱོགས་ཀྱི་དགྲ་བོའི་སྙིང་རྩ་འདར་བར་བྱེད།ཉིན་བཞི་ཡི་ཛ་དྲག་གི་འགྲན་བསྡུར་དང་གོ་རིམ་བརྒྱུད་མཐར་རང་རྫོང་གི་ལྷ་ས་སྡེ་བར་རྭ་གཞུའི་རུ་ཁག་གི་ཨང་དང་པོ་དང་།གཡང་མདའ་རྟགས་པའི་མདའ་རྩལ་རུ་ཁག་ལ་གཞུ་ལེབ་ཚན་སྐོར་གྱི་ཨང་དང་པོ།གསེར་ཆེན་རྫོང་ལ་གཞུ་འཁོར་ལོ་མའི་ཚན་སྐོར་གྱི་ཨང་དང་པོ་ཐོབ་སོང་།གཞན་ཡང་རུ་ཁག་མང་པོ་ཞིག་ལ་ཨང་གཉིས་པ་དང་ཨང་གསུམ་པའི་མཚན་སྙན་དང་བྱ་དགའི་རྟགས་མ་ཐོབ།ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་བྱ་དགའ་སྟེར་བའི་མཛད་སྒོ་བསྡུས་ཏེ་སྐབས་ལྔ་བའི་མདའ་འཕེན་གདན་ཞུ་འགྲན་བསྡུར་རྒྱལ་ཁ་དང་བདེ་བླག་ངང་མཇུག་སྒྲིལ་བ་རེད།སྐབས་རེ་རེའི་མདའ་འཕེན་འགྲན་བསྡུར་གྱིས་ཕ་ཡུལ་གཅན་ཚ་ལ་མཐུན་སྒྲིལ་དང་མཛའ་མཐུན་གྱི་མེ་ཏོག་བཞད་ཅིང་།ཚོང་ལས་དང་དཔལ་འབྱོར་དར་རྒྱས་ཀྱི་དགེ་མཚན་རྣམ་པར་རྒྱས་པའི་དཔྱིད་ཀྱི་དཔལ་ཡོན་ཤར་དུ་བཅུག་གོ །
མཛུབ་སྟོན་དགེ་རྒན།ལྷ་རྩེ་རྒྱལ།
  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།