སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

གནས་མཆོག་གཅན་ཚ།(སློབ་མའི་སྦྱངས་རྩོམ)7 གཡང་དཀར་སྒྲོལ་མ།(ཆུང་)

སྤེལ་དུས། 2018-09-29 09:54:08    རྡེབ་ཚད།
མཉམ་སྤྱོད་གནས།
   

                                                 གནས་མཆོག་གཅན་ཚ།

དྲུག་གཉིས་འཛིན་གྲྭ། གཡང་དཀར་སྒྲོལ་མ།ཆུང་
གཅན་ཚ་ནི་ང་རང་ལྟེ་ཁྲག་འཕོ་སའི་ཕ་ཡུལ་ཡིན་ལ།གནས་དེ་ནི་ས་ཆ་ཀུན་ལས་ཆེས་ཆེ་བ་ཞིག་དང་ཆེས་ཁོད་ཡངས་པ་ཞིག་མིན་ན་ཡང་ང་རང་ཕ་ཡུལ་འདིར་ཧ་ཅང་དགའ།རྒྱུ་མཚན་ནི།དཔྱིད་ཀར་གནས་འདི་རུ་མེ་ཏོག་སྣ་བརྒྱ་བཞད་པར་མ་ཟད་རི་བོ་དང་རྩྭ་ཐང་།སྡོང་བོ་སོགས་སྔོ་ལྗང་སེ་གྱུར་བ་དང་བྱ་བྱེའུ་འབའ་འབུས་ཀྱང་ཀྱ་ཀྱུའི་སྐད་སྣ་ཚོགས་བསྒྲགས་ནས་མི་རྣམས་ལ་སྐྱིད་པའི་ཚོར་སྣང་སྟེར་ཐུབ།
དབྱར་ཁར་མཛེས་པའི་རྩྭ་ཐང་སྟེང་དུ་རྟ་ནོར་ལུག་གསུམ་དང་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་པ་དེ་མཛེས་ཞིང་སྡུག་པའི་ལྷ་ཡུལ་ཞིག་དང་མཚུངས།
སྟོན་ཁར་འབྲུ་རིགས་སྣ་ལྔའི་སྙེ་མ་མགོ་ལྕོག་ལྡེམ་ལྡེམ་གཡོ་བ་ནི་ཕར་ཆེར་ང་ཚོ་མགྲོན་ཏུ་འབོད་པ་དང་འདྲ།སྡེ་འདབས་ཀྱི་སེིལ་སྡོང་སྟེང་དུ་སིལ་ཏོག་རྣམ་པ་སྣ་ཚོགས་ཐོགས་ནས་སྨིན་ཡོད་ལ།མི་རྣམས་ཀྱིས་ཀྱང་ལོ་ལེགས་དང་འབྲས་བཟང་འདི་དག་བསྡུ་བའི་ལས་ལ་བྲེལ།
དགུན་ཁར་ས་གཞི་ཡོངས་སུ་གངས་དཀར་གྱི་ལྭ་བ་གྱོན་ནས་ས་གཞིའི་སྟེང་གི་དངོས་པོ་ཡོད་ཚད་གཉིད་དུ་ཡུར་བ་དང་མཚུངས།
དེ་དག་ལས་ཀྱང་ལྷག་ཏུ་་སྤྲོ་བ་ནི་གནས་འདི་རུ་རྒྱལ་ཁབ་རིམ་པའི་ཁམས་རའི་ནགས་ཚལ་སྤྱི་གླིང་དང་འ་ཆུང་གནམ་རྫོང་དགོན་པ་སོགས་ཀྱི་གནས་མཆོག་གྲགས་ཅན་ཡོད་ལ།གནས་འདིར་ལོ་གཉིས་རེའི་བར་ནས་རྒྱལ་ཁབ་རིམ་པའི་མདའ་སྟོན་རྒྱ་ཆེན་སྤེལ་གྱིན་ཡོད།སྐབས་དེར་རྒྱལ་ཁབ་ཕྱི་ནང་གི་མདའ་རྩེད་ལ་དགའ་མཁན་མང་བོ་གནས་འདིར་མདའ་འཕེན་པར་ཕེབས་པ་དང་།དེང་རབས་གླུ་བ་གླུ་མ་གྲགས་ཅན་དག་ཡོང་ནས་གླུ་དབྱངས་སྣ་ཚོགས་ལེན་པ་དང་།ཡུལ་གྲུ་འདིའི་མི་དམངས་རྣམས་ཀྱིས་ཀྱང་དམངས་གླུ་འགྲན་བསྡུར་སོགས་བྱས་ནས་དགའ་སྟོན་རྒྱ་ཆེན་པོ་སྤེལ་བཞིན་ཡོད།དེ་བས་ངའི་ཕ་ཡུལ་གྱི་དུས་བཞིའི་མཛེས་སྡུག་ནི་ནམ་ཡང་ངའི་སེམས་ཀྱི་གཟི་བརྗིད་ཡིན།
                                           མཛུབ་སྟོན་དགེ་རྒན།ལྷ་རྩེ་རྒྱལ།
  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།