སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

གནས་མཆོག་གཅན་ཚ།(སློབ་མའི་སྦྱངས་རྩོམ)6 བློ་གསལ་རྡོ་རྗེ།

སྤེལ་དུས། 2018-09-28 08:32:43    རྡེབ་ཚད།
མཉམ་སྤྱོད་གནས།
   

                                       གནས་མཆོག་གཅན་ཚ།

                                           ལྔ་གཉིས་འཛིན་གྲྭ    བློ་གསལ་རྡོ་རྗེ།

       ངའི་ཕ་ཡུལ་ནི་གཅན་ཚ་ཡིན། དེ་ནི་མདའ་མོ་གཡང་རྫོང་ཞེས་རྒྱལ་ཁབ་ཕྱི་ནང་ཀུན་ན་མིང་དུ་གྲགས་པའི་མདའ་རྩེད་ཀྱི་ཕ་ས་ཞིག་ཀྱང་ཡིན་ནོ། ས་འདིའི་མི་ཚང་མ་མདའ་རྩེད་ལ་ཧ་ཅང་དགའ་ཞིང་། མདའ་རྩལ་ལ་བྱང་ཆ་ལྡན་པ་དང་། ལོ་རེ་བཞིན་མདའ་འཕེན་དང་མདའ་སྟོན་སོགས་ཀྱི་བྱ་འགུལ་ཡང་རབ་དང་རིམ་པ་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད། དེ་བས་ང་ཚོ་བྱིས་པ་ཐམས་ཅད་མདའ་རྩེད་ལ་དགའ་བ་དང་མདའ་འཕེན་རྒྱུ་ང་ཚོའི་རྩེད་མོའི་རྣམ་གྲངས་གལ་ཆེན་ཞིག་ཡིན།དེའི་རྐྱེན་གྱིས་མི་རྣམས་ཀྱིས་གཅན་ཚ་ལ་མདའ་མོ་གཡང་རྫོང་ཞེས་འབོད་པ་རེད།
      ཕ་ཡུལ་གཅན་ཚ་ནི་རྨ་ཆུ་སྡོན་མོའི་འགྲམ་རྒྱུད་དུ་ཆགས་ཡོད་པའི་རྫོང་ཞིག་ཡིན། དེའི་ཕྱོགས་བཞི་ནི་རི་བོའི་མུ་ཁྱུད་ཀྱིས་བསྐོར་ཡོད་པས་། ཁྲོན་པ་ཞིག་གི་ནང་དུ་བསྡད་པའི་ཉམས་སྣང་སྐྱེས་སྲིད། ལུང་པའི་ཞབས་ན་རྨ་ཀླུང་སྔོན་མོ་ལྷུང་ལྷུང་དུ་བཞུར་བཞིན་ཡོད་ལ་ཆུ་ནི་དྭངས་ཤིང་གཙང་བས་རྒྱང་ནས་བལྟས་ན་གཡུ་འབྲུག་སྔོན་མོ་ཞིག་ཐང་ན་རྒྱུ་བ་དང་ཀུན་ནས་མཚུངས་སོ། ཕ་ཡུལ་གྱི་ཕྱོགས་བཞིའི་རི་རྒྱུད་ནི་མཐོ་ཞིང་བརྗིད་ལ་ས་གཙང་བ་དང་།   དབྱར་ཁ་ཐོན་ཚེ་གང་ས་གང་དུ་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་ཞིང་ནིའུ་གསིང་མེ་ཏོག་སྡུག་གུར་བཞད་ཡོད་པས་ས་ཕྱོགས་ཀུན་གྱི་ལྗོངས་རྒྱུ་བ་མང་པོ་འཚང་ཁ་ཤིག་ཤིག་གིས་གནས་འདིར་འཛོམས་བཞིན་ཡོད།
     གཅན་ཚ་ན་ལྗོངས་རྒྱུ་ལྟ་སྐོར་གྱི་གནས་མཆོག་གྲགས་ཅན་མང་པོ་ཞིག་ཡོད་དེ། མཛེས་སྡུག་ལྡན་པའི་གནས་མཆོག་ཁམས་ར་དང་།   ཨ་ཆུང་གནམ་རྫོང་། ཕྱི་དར་བསྟན་པའི་གནས་ཆེན་ལོ་རྡོ་རྗེ་བྲག ངོ་མཚར་རྨད་དུ་བྱུང་བའི་སྣང་རའི་སྟོང་དཔོན་གཞིས་ཀ བརྗིད་ཆགས་ལྷུན་གྱིས་གྲུབ་པའི་ལ་མོ་བདེ་ཆེན་དགོན་པ། ད་དུང་མེ་ཏོག་སྣ་བརྒྱ་ལྷུག་པོར་བཞད་པའི་སྟེང་སོ་རྩྭ་ཐང་སོགས་ལྟ་བས་ཆོག་མི་ཤེས་པའི་ཡུལ་གྲུ་མང་པོ་ཡོད།   དེ་བས་ཕྱོགས་བཞིའི་མགྲོན་པོ་རྣམས་མ་བགྲོས་རང་མཐུན་གྱིས་གནས་འདིར་ལྟ་སྐོར་ལ་ཡོང་བཞིན་ཡོད།
      ང་རང་ངའི་ཕ་ཡུལ་ལ་དགའ་ཞིང་།མཛེས་སྡུག་ལྡན་པའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་ལྷག་ཏུ་དགའ་འོ།
                                                          མཛུབ་ཁྲིད་དགེ་རྒན།   འབྲུག་མཚོ།
  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།