སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

གནས་མཆོག་གཅན་ཚ།(སློབ་མའི་སྦྱངས་རྩོམ)4

སྤེལ་དུས། 2018-09-25 09:12:16    རྡེབ་ཚད།
མཉམ་སྤྱོད་གནས།
   

                                                 གནས་མཆོག་གཅན་ཚ།

                                            དྲུག་གཉིས་འཛིན་གྲྭ ལྷ་མོ་དབྱངས་ཅན།

མདོ་དབུས་ས་མཐོ་རུ་གནས་ཤིང་གཙང་གསུམ་འབྱུང་ཡུལ་གྱི་ཡ་གྱལ་ཏེ་རྨ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་རྫོང་མཁར་ཆུང་ཆུང་ཞིག་ཆགས་འདུག་པ་དེ་ནི་ངའི་ལྟེ་ཕྲག་འཕོ་སའི་ཕ་ས་ཕ་ཡུལ་ཏེ་གཅན་ཚ་མདའ་མོ་གཡང་རྫོང་ཡིན།མདའ་མོ་གཡང་རྫོང་སྟེ་གཅན་ཚ་ཞེས་སུ་གྲགས་པའི་ས་ཆ་འདིར་མཛེས་བའི་སྙན་གྲགས་ཀུན་ཏུ་ཁྱབ་པའི་ཡུལ་ལྗོངས་དང་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཐོབ་པའི་ནགས་ཚལ་སྤྱི་གླིང་ཡོད་ལ།ལྷག་པར་དུ་གནས་འདི་ལ་དར་ཁྱབ་ཆེ་བའི་ཁྱད་འཕགས་ཀྱི་རིག་གནས་ཤིག་ཡོད།དེ་ནི་མདའ་སྟོན་ཡིན། མདའ་སྟོན་ནི་ང་ཚོ་བོད་མི་ལ་ཡོད་པའི་དགའ་སྟོན་གྱི་རིགས་ཤིག་ཡིན་ལ།མདའ་སྟོན་ལ་ལོ་རྒྱུས་རིང་མོ་ཡོད།ལོ་རེའི་སྤྱི་ཟླ་དགུ་བའི་ནང་ཀྲུང་གོའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་ཚོགས་གཅན་ཚའི་ཡུལ་དུ་གཟབ་རྒྱས་ངང་ཚོགས་བཞིན་ཡོད་ལ།ཉིན་དེར།ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གླུ་བ་གླུ་མ་མིང་གྲགས་ཅན་དང་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཕེབས་པའི་མདའ་བ་ཕོ་མོ་ཐམས་ཅད་འགྲན་ཚོགས་ལ་ཞུགས་པ་ཡིན།   
བདག་གི་ཕ་ཡུལ་གྱི་སྐྱེ་བོ་ཕོ་མོ་སུ་ཡིན་རུང་ཚང་མ་ལས་ལ་བརྩོན་ཞིང་གཤིས་རྒྱུད་དྲང་བ་མ་ཟད།ད་དུང་མི་ལ་རོགས་རམ་བྱེད་པར་དགའ་བ་ཞིག་ཀྱང་ཡིན།གཅན་ཚའི་ཡུལ་གྱི་བཀོད་པ་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པ་མ་ཟད།གནས་མཆོག་འདི་ཡིས་སྐྱེ་བོ་ཀུན་ལ་སྨྲ་མི་ཤེས་བའི་དགའ་བ་དང་དུང་བ་ཞིག་དབང་མེད་དུ་སྟེར་སྲིད།གལ་ཏེ་ཁྱེད་རང་ངའི་ཕ་ཡུལ་དུ་ཡུལ་སྐོར་ལྗོངས་རྒྱུ་ལ་ཕེབས་ཚེ།ངའི་ཕ་ཡུལ་ན་ལོ་རྒྱུས་རིང་ཤིང་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་དང་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ངོ་མཚར་བ་མང་པོ་ཡོད་ལ།དྭངས་གསལ་གྱི་རྨ་ཆུ་སྔོན་མོའི་འགྲམ་ངོགས་ན་རྒྱ་མཚོའི་རླབས་དང་ཀུན་ནས་མཚུངས་བའི་ས་ཞིང་གི་སྙེ་མ་དང་ཚང་ཚང་གཡུ་ལོ་རྒྱས་བའི་ནགས་ཚལ་དག་གིས་ཁྱེད་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ངེས་པ་གདོན་མི་ཟའོ།།        
                                                                      མཛུབ་སྟོན་དགེ་རྒན།ལྷ་རྩེ་རྒྱལ།
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།