སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

གནས་མཆོག་གཅན་ཚ།(སློབ་མའི་སྦྱངས་རྩོམ)2

སྤེལ་དུས། 2018-09-15 10:58:14    རྡེབ་ཚད།
མཉམ་སྤྱོད་གནས།
   

                           གནས་མཆོག་གཅན་ཚ།

                             ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པ། བྱམས་པ་རྡོ་རྗེ།

ངའི་ཕ་ཡུལ་ནི་མཛེས་སྡུག་ལྡན་པའི་གཅན་ཚ་གཡང་སྡེ་ཕྱུག་མོ་ཡིན། དེའི་ཁོ་ར་ཁོར་ཡུག་གི་རི་རེ་རེས་བདག་ལ་བརྗེད་ཐབས་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད།ཕ་ཡུལ་གྱི་ཡུལ་ལྗོངས་ནི་རི་མོ་མཁན་པོ་ཞིག་གིས་པིར་རྩེ་ལས་ཐོན་པ་ལྟར་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡིན།ཤར་རི་དང་ནུབ་རི་ནི་ངེད་ཚང་གི་སྒོར་ཁར་བུད་མ་ཐག་ཏུ་མཐོང་མི་ཐུབ།ལྷོ་ཕྱོགས་སུ་སྡེ་བ་ཆུང་ཆུང་མང་པོ་ཆགས་ཡོད།བདག་གི་ཕ་ཡུལ་གྱི་དུས་ཚིགས་བཞིའི་འགྱུར་ལྡོག་ཧ་ཅང་ཆེ།དགུན་ཁར་ཕྱོགས་བཞིའི་རི་བོ་ཁ་བས་གཡོགས་ཚེ།བདག་གི་ཕ་ཡུལ་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་གཉིས་སུ་མ་མཆིས།དཔྱིད་ཀའི་དུས་སུ་ཕ་ཡུལ་ལ་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་བརྒྱ་བཞད་ཚེ་བདག་གི་ཕ་ཡུལ་ནི་མེ་ཏོག་ལྡུམ་ར་ཞིག་དང་འདྲ། སྟོན་ཁའི་དུས་སུ་རི་ལུང་ཐང་གསུམ་སེར་པོ་གྱུར་ཏེ་གསེར་མདོག་གི་གོས་བཟང་བཀླུབས་པའི་གཞོན་ནུ་མ་ཞིག་དང་གཉིས་སུ་མེད།དབྱར་ཁའི་དུས་སུ་སྔོ་ལྗང་རྩ་ལོ་རབ་ཏུ་རྒྱས་ཤིང། མེ་ཏོག་སྣ་ཚོགས་ཀྱི་དྲི་བསུང་གང་ས་གང་ཏུ་འཐུལ་བས།ང་རང་ཆེས་དགའ་བ་ནི་དབྱར་ཀྱི་བདག་མོ་ཁྱེད་རང་ཡིན།
ཨེ་མ་།འདི་འདྲའི་མཛེས་སྡུག་ལྡན་པའི་ཞིང་ཁམས་འདི་ནི་ངའི་རྟག་བརྟན་གྱི་ཕ་ས་དྲོན་མོ་སྟེ་མདའ་རྫོང་ཡིན་ནོ།དེ་བས་།བདག་གིས་བསམ་ན་བདག་གི་ཕ་ཡུལ་གཡང་སྡེ་ཕྱུག་མོ་འདི་ནི་གནམ་འོག་ཀུན་ཏུ་ཆེས་མཛེས་ཤིང་ཡིད་དུ་འོང་བའི་གནས་མཆོག་ཅིག་ཡིན་པར་འདོད། ང་རང་དུས་བཞིའི་འགྱུར་བ་གསར་བའི་ཕ་ཡུལ་གྱི་མཛེས་སྡུག་ལ་དགའ་ཞིང་།དེ་བས་ཀྱང་ཕ་ཡུལ་མི་དམངས་ཀྱི་རྒན་གཞོན་རྣམས་ཀྱི་གདོང་གི་མཛུམ་གདངས་ལ་དགའ།  
                                                 མཛུབ་སྟོན་དགེ་རྒན། ལྷ་རྩེ་རྒྱལ།
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།