སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

གནས་མཆོག་གཅན་ཚ།

སྤེལ་དུས། 2018-09-14 08:37:12    རྡེབ་ཚད།
མཉམ་སྤྱོད་གནས།
   

                               གནས་མཆོག་གཅན་ཚ།

ལྔ་གཉིས་འཛིན་གྲྭ། གངས་ལྷ་སྒྲོལ་མ
ངའི་ཕ་ཡུལ་སྟེ་གཅན་ཚ་ནི་གངས་རི་ར་བས་ཡོངས་སུ་བསྐོར་ཞིང་རྫོང་གི་བཀོད་པ་མཛེས་ཤིང་གཙང་ལ།དུས་བཞིའི་ནམ་ཟླ་དོ་མཉམ་ཞིང་མཁའ་དབུགས་དངས་ཤིང་བསིལ།རྫོང་དེའི་རྒྱ་ཁྱོན་དེ་འདྲ་ཆེ་རྒྱུ་མེད་ནའང་ཤར་ན་རྨ་ཆུ་སྔོན་མོ་དལ་གྱིས་བཞུར་ཞིང་། ལྷོ་ན་བདེ་ཆེན་ཆོས་འཁོར་གླིང་། ནུབ་ན་ཀོའུ་བ་དར་རྒྱས་གླིང་དང་གསང་སྦྲོག་ཚུལ་ཁྲིམས་གླིང་།བྱང་ན་ཨ་ཁྱུང་གནམ་རྫོང་དང་ལོ་རྡོ་རྗེ་བྲག་སོགས་ལོ་རྒྱུས་དང་རིག་གནས་ཀྱི་རྔམས་མཐུག་སའི་གནས་འགངས་ཆེན་བགྲང་ལས་འདས་པ་ཞིག་མཆིས་པས།ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་བ་དང་མཇལ་སྐོར་བ་ཁྲི་སྟོང་མང་པོ་གནས་འདིར་ལྟ་སྐོར་དུ་ཡོང་བཞིན་ཡོད།
རྫོང་མཁར་འདིའི་རྒྱ་ཁྱོན་དེ་འདྲ་ཆེ་རྒྱུ་མེད་ནའང་དེང་གི་སྲིད་ཇུས་དང་སྤྱི་ཚོགས་དཔལ་འབྱོརའཕེལ་རྒྱས་སོང་བ་དང་བསྟུན་མི་དམངས་སྲང་ལམ་དང་རྨ་ཆུ་སྲང་ལམ།སྲིན་པོ་སྲང་ལམ་སོགས་གཞུང་ལམ་མང་པོཔ་ཏྲའི་རིས་ལྟར་བསྣོལ་ལ། གཞུང་ལམ་གཡས་གཡོན་གྱི་ལྗོན་ཤིང་དང་ཤུག་པ། སྦྱར་བ།མེ་ཏོག་སོགས་ལྷུག་པོར་གྲོལ་བ་དག་རླུང་གི་རྒྱུ་བ་དང་བསྟུན་རྒྱང་རིང་མགྲོན་པོ་རྣམས་ལ་དགའ་བསུ་བྱེད་པ་དང་ཀུན་ནས་མཚུངས།ད་དུང་རྩེ་མོ་ནམ་མཁའི་དབྱིངས་སུ་བསྙེགས་འདྲའི་ཁང་བ་བགྲང་ལས་འདས་ལ་དེ་དག་ལ་གློག་འོད་སྣ་ཚོགས་ཀྱིས་བརྒྱན་པས་མཚན་མོར་སླེབས་དུས་ནམ་མཁའི་སྐར་ཚོགས་ས་ལ་ལྷུང་བ་བཞིན་ཁྲ་ལྷམ་མེར་བཀྲ་བས་མཚན་མོའི་ཡུལ་ལྗོངས་འདི་ལ་སྔར་ལས་བཀྲག་མདངས་འཚེར།ལམ་གྱི་བཞི་མདོ་རེ་རེའི་གླིང་ཀ་རུ་མི་རྣམས་དགའ་བདེ་བག་ཡངས་ངང་སྙན་ཞིང་འཇེབས་པའི་རོལ་དབྱངས་དང་བསྟུན།གོམ་སྟབས་མཉམ་ཞིང་སྒེག་ཉམས་ལྡན་པའི་ངང་དགའ་བའི་སྐོར་བྲོ་འཁྲབ་བཞིན་རྫོང་མཁར་ཆུང་ཆུང་འདི་ལ་སྔར་ལས་ལྷག་པར་ཉམས་སྣང་གསར་བ་ཞིག་སྦྱིན་བཞིན་མཆིས།ལྷག་པར་དུ་རང་རྫོང་ལ་མདའ་མོ་གཡང་རྫོང་ཞེས་མཚན་སྙན་ཐོབ་པ་ནས་བཟུང་།ལོ་རེར་གཟབ་རྒྱས་ཆེ་བའི་མདའ་རྩལ་འགྲན་ཚོགས་དང་མདའ་སྟོན་བྱ་འགུལ་རྒྱ་ཆེར་སྤེལ་བཞིན་ཡོད་ལ་དེའི་སྟེང་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཕེབས་པའི་མདའ་བ་དང་སྐུ་མགྲོན་རྣམས་ནམ་མཁའི་སྤྲིན་ཚོགས་བཞིན་གནས་འདི་རུ་འདུས་ནས་རང་རང་གི་མཐེབ་རྩལ་དང་ཁྱད་ཆོས་ངོམས་བཞིན་མཆིས།དེ་བས་མཛེས་ཤིང་སྡུག་ལ་འབྱོར་ཕྱུག་ལྡན་པའི་རྫོང་མཁར་ཆུང་ཆུང་འདི་ནི་བདག་གི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་ཡིན་ལ།གནས་འདིའི་རི་ཀླུང་ནགས་གསུམ་དང་རིག་གནས།ལོ་རྒྱུས་བཅས་ཀྱིས་བདག་རང་གི་ཕ་ཡུལ་ལ་སྔར་ལས་དགའ་ཞིང་དུངས་བར་བྱེད་དོ།
མཛུབ་སྟོན་དགེ་རྒནའབྲུག་མཚོ།
 
  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།