སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་ལྷ་རྩེ་རྒྱལ།

སྤེལ་དུས། 2019-11-12 11:34:45    རྡེབ་ཚད།
མཉམ་སྤྱོད་གནས།
   

            སྲིན་པོ་རྫ་འདབས་ཀྱི་མར་མེ་ཚེ་འབར།

     -------རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་ལྷ་རྩེ་རྒྱལ་གྱི་གནས་ཚུལ་རགས་བཀོད།
             གསར་འགོད་པ།    དཀར་ལུང་པདྨ་རྡོ་རྗེ།
དགེ་རྒན་ལྷ་རྩེ་རྒྱལ་ནི་གཅན་ཚ་རྫོང་མར་ཁུ་ཐང་ཆ་ཚང་སློབ་ཆུང་གཉིས་པའི་སྐད་ཡིག་དགེ་རྒན་ཞིག་ཡིན་ལ།ལོ་ངོ་སུམ་ཅུའི་སློབ་གསོའི་ལམ་བུ་ཁྲོད་དུ།ཁོས་ནམ་ཡངཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆིངབའི་ཁག་ཁུར་དངཡོད་ཚད་བྱིས་པའི་ཆེད་དང་བྱིས་པའི་ཡོད་ཚད་ཀྱི་ཆེད་དུཞེས་པའི་སློབ་གསོའི་འདུ་ཤེས་སེམས་སུ་བཟུང་ནས་ལོ་ངོ་སོ་གཉིས་ཀྱི་ཆེས་རིང་བའི་ལོ་ཟླ་རིང་མོའི་བརྩེ་བ་དང་ལང་ཚོ་ཡོད་ཚད་སློབ་གསོ་སློབ་ཁྲིད་ལ་བསྟུན་ནས་ཆེས་སྤྱིར་བཏང་གི་ལས་གནས་སྟེང་ཆེས་སྤྱིར་བཏང་མ་ཡིན་པའི་རླབས་ཆེན་གྱི་གྲུབ་འབྲས་བླངས་ཏེ་གཅན་ཚའི་མི་རིགས་སློབ་གསོའི་ལོ་རྒྱུས་འཕེལ་རྒྱས་སྟེང་ཕུལ་བྱུང་དགེ་རྒན་དཔུང་སྡེའི་ཚབ་བྱེད་མི་སྣར་གྱུར་ཡོད།
ཁོ་ནི༡༩༨༧ལོའི་ཟླ༧པར་རྨ་ལྷོ་མི་རིགས་འབྲིང་རིམ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས་རྩེ་གཞུང་རྩྭ་ཐང་གི་ཅུང་མཐའ་འཁོབ་ཀྱི་ས་ཁུལ་ཏེ་བོན་རྒྱ་ཞང་ཆ་ཚང་སློབ་ཆུང་དུ་དགེ་རྒན་གྱི་ལས་ཀ་གཉེར་ཞིང་། གཞོན་དུས་ཀྱི་ལོ་ངོ་བདུན་རིང་ལ། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་དཀའ་ཁག་ཁྱད་དུ་བསད་ནས་སྔ་གཞུག་ཏུ་བོན་རྒྱ་དང་དང་ཉིན་ཤུག། བྱ་དར་སོགས་ཀྱི་ཞང་གི་སློབ་གྲྭ་རུ་སྐད་ཡིག་དགེ་རྒན་དང་འཛིན་བདག   སློབ་གཙོའི་འགན་ཁུར་ནས་རྩེ་ཁོག་ས་ཁུལ་གྱི་རྨང་གཞི་སློབ་གསོའི་ཐད་ལ་བྱས་རྗེས་མི་དམན་པ་བཞག ༡༩༩༤ལོར་གཅན་ཚ་རྫོང་མར་ཁུ་ཐང་སློབ་ཆུང་གཉིས་པ་རུ་ལས་གནས་སྤར་བ་ནས་ད་ལྟའི་བར་དུ་སློབ་གྲྭ་དེའི་སྐད་ཡིག་དགེ་རྒན་དང་འཛིན་བདག   ལོ་ཆུང་གདོང་ལེན་རུ་ཁག་གི་མཛུབ་སྟོན་པ།   སློབ་སྟོན་ཀྲུའུ་རིན་སོགས་ཀྱི་འགན་ཁུར་འཁུར་མྱོང་ལ་དཀའ་སྡུག་གི་རྔུལ་ཆུས་བྲན་པའི་བློ་གསལ་སློབ་བུ་ཡང་མི་ཉུང་བ་ཞིག་སྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད། ༡༩༩༥ལོར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིན་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་ཨུ།ཞིང་ཆེན་ལོ་ཆུང་གདོང་ལེན་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱིཕུལ་བྱུང་ཟུར་སྟོན་པརབདམས་པ་དང་།༢༠༠༤ལོར་གུང་གཞོན་ཚོགས་པ་རྨ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གིསལོ་ཆུང་གདོང་ལེན་གྱི་ཟུར་སྟོན་པ་བཅུའིམཚན་སྙན་གནང་པ་མ་ཟད།སྔ་གཞུག་ཐེངས་གཉིས་ལ་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་ཕུལ་བྱུང་དགེ་རྒནདངསློབ་ཁྲིད་མཁན་པོའིམཚན་སྙན་གནང་།༢༠༡༦ལོའི་ཟླ༩པར་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིསདགེ་རྒན་མྱིང་ཆེན་བཅུའིམཚན་སྙན་གནང་། ༢༠༡༩ལོའི་ཟླ༩པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུསརྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་མཚན་སྙནབསྩལ།
微信图片_20191112113124.jpg
གཅིག ཆབ་སྲིད་བསམ་བློའི་འདུ་ཤེས་བརྟན་པོར་བཟུང་སྟེ་ལས་རིགས་ཀུན་སྤྱོད་ཀྱི་ཚད་གཞི་ཇེ་མཐོར་བཏང་བ།
ཁོ་བོས་འཚོ་བ་དང་བྱ་བའི་ཁྲོད་དུ་ནམ་ཡང་ཏང་གི་རྩ་བའི་ལམ་ཕྱོགས་རྒྱུན་འཁྱོངས་དང་ཏང་གི་འགོ་ཁྲིད་ལ་རྒྱབ་སྐྱོར།ཏང་གི་སློབ་གསོ་བྱེད་ཕྱོགས་ནན་ཏན་སྒོས་ལག་བསྟར་བགྱིས་ལ། ནམ་ཡང་ཧུར་ཐག་སྒོས་རྣམ་པ་མི་འདྲ་བའི་ཆབ་སྲིད་སློབ་སྦྱོང་དག་ལ་ཧུར་བརྩོན་གྱིས་ཞུགས་པ་དང་རྒྱལ་ཁབ་ཕྱི་ནང་གི་སྐབས་དོན་གསར་འགྱུར་ཁག་ལ་དོ་སྣང་།རང་རྟོགས་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིས་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་ཁག་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ་རང་སྟེང་གི་མི་འདང་སར་བཅོས་བསྒྱུར་དང་ཁ་གསབ་གནང་སྟེ་ཆབ་སྲིད་གཞུང་ལུགས་ཀྱི་ཤེས་བྱའི་ཆུ་ཚད་མཐོར་འདེགས་སུ་བཏང་།
གཉིས།སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་བྱ་གཞག་བསྐྲུན་པ།
༡   སློབ་གསོའི་ལས་ཀར་དགའ་ཞེན་ཆེ་བ་དང་བྱང་ཚད་མཐོར་འདེགས་གཏོང་བར་གཙིགས་སུ་འཛིན་པ།
ཁོ་བོ་ནི་འཐབ་ཕྱོགས་དང་པོ་སྟེང་གི་དགེ་རྒན་ཞིག་སྟེ།ཉིན་རྒྱུན་གྱི་སློབ་ཁྲིད་ལས་ཀ་ཤིན་ཏུ་ལྗིད་ན་ཡང་ནམ་ཡང་སྒྱིད་ལུག་དང་རྣམ་གཡེང་གཏན་ནས་མི་བྱེད་པར།སློབ་ཐུན་རེ་རེ་ལེགས་པོར་འཁྱོངས་ཆེད།སློབ་ཁྲིད་གྱི་ནང་དོན་དང་འབྲེལ་བའི་རྒྱུ་ཆ་ཅི་རིགས་བཙལ་ལ།སློབ་ཁྲིད་ཀྱི་རྣམ་པར་འཁྲུག་ཆ་དོད་པ་དང་བརྩེ་སེམས་ཀྱིས་ཕྱུག་པའི་ཕྱིར་དུ་ཁོས་ནན་ཏན་གྱིས་སློབ་ཐུན་རེ་རེའི་སྐད་ཆ་བཤད་སྟངས་ལ་དང་དོད་བྱེད་པ་ཡིན།ལོ་ངོ་དུ་མའི་རིང་ལ།ཁོས་སློབ་དེབ་ལ་སློབ་ཁྲིད་གྲ་སྒྲིག་བྱེད་པ་ལས་གཞན་སློབ་མར་སློབ་ཁྲིད་བྱེད་ཐབས་ལ་དེ་བས་གྲ་སྒྲིག་དང་དོ་སྣང་བྱེད་པ་སྟེ། སློབ་མའི་གཞི་རྩའི་གནས་ཚུལ་དངོས་ལ་གཞིགས་ནས་ཆེས་མཆོག་ཏུ་གྱུར་པའི་བྱེད་ཐབས་ལམ་བཀོལ་ཏེ་ནམ་ཡང་སློབ་ཁང་སློབ་ཁྲིད་ལ་སྤྲོ་སྣང་དང་ཧུར་བརྩོན་གྱི་རྣམ་པར་ཁེངས་སུ་འཇུག་པས།   ཁོ་བོའི་སློབ་ཁྲིད་ལས་ཐོན་པའི་གྲུབ་འབྲས་ནི་སློབ་ཁུལ་ཡོངས་དང་ཐ་ན་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དགེ་རྒན་ལྷ་རྩེ་རྒྱལ་གྱིས་ད་དུང་སློབ་ཁྲིད་སློབ་གསོ་གཙོ་བོར་བཟུང་བ་ལས་གཞན།ཐོག་མཐའ་བར་གསུམ་དུ་ཆེད་ལས་སློབ་སྦྱོང་ཐོག་མའི་འགན་ཁུར་དུ་བཞག་སྟེ་གུང་གསེང་དང་དབྱར་དགུན་གནང་གི་ངལ་གསོའི་དུས་ཚོད་སོགས་བེད་སྤྱོད་བཏང་སྟེ་ཞིང་ཆེན་དང་ཁུལ།རྫོང་རིམ་པའི་དགེ་རྒན་གསོ་སྦྱོང་ལ་ཞུགས་ཏེ་རང་འགུལ་སྒོས་ཆེད་ལས་གཞུང་ལུགས་ཤེས་བྱར་སློབ་སྦྱོང་དང་ཉམས་ལེན་བྱེད་པ་མ་ཟད། སློབ་ཁྲིད་ཀྱི་ལས་ཀའི་ཞོར་ནས་དགེ་རྒན་འགའ་རེར་བསྟེན་ཏེ་རང་གི་རིག་གནས་ཤེས་བྱའི་ཆུ་ཚད་དང་ལས་
རིགས་ཀྱི་ཆེད་ལས་བྱང་ཚད་མཐོར་འདེགས་བཏང་སྟེ། ལས་རིགས་ལ་བློ་དཀར་བ་དང་ལས་རྐང་ལ་དགའ་བ།གསར་གཏོད་དང་ལག་ལེན་གྱི་སྙིང་སྟོབས་ལྡན་པའི་ཚད་ལྡན་གྱི་མི་དམངས་དགེ་རྒན་ཞིག་ཏུ་འགྱུར་རྒྱུའི་ཆོད་སེམས་ནམ་ཡང་ལྷོད་མ་མྱོང་པས་རྫོང་གི་སློབ་གསོ་བྱ་བའི་ཁྲོད་དུ་སྣེ་ཁྲིད་པའི་ནུས་པ་ཐོན་ཏེ་བླ་མེད་དགེ་རྒན་གྱི་ཀུན་སྤྱོད་ཡག་པོ་དེ་མངོན་ཡོད་ལ།དུས་ནམ་ཡང་སློབ་མ་དང་ཁྱིམ་བདག་ལ་ཞབས་ཞུ་བསྒྲུབས་པའི་འདུ་ཤེས་བཟུང་སྟེ་དཔེ་ཁྲིད་མི་སྐྱོང་གི་རིས་མེད་ཀྱི་ལས་ཀའི་འགན་འཁྲི་འདི་སྐྱོང་བཞིན་ཡོད་དོ།།
微信图片_20191112113147.jpg
༢ ལྷག་བསམ་ཟོལ་མེད་ཀྱིས་སློབ་མར་བརྩི་བཀུར་དང་སེམས་ཁུར་བྱེད་པ།
སློབ་མར་ཤ་ཚ་རྒྱུ་ནི་སློབ་གསོ་སློབ་ཁྲིད་བྱ་བའི་སྔོན་འགྲོ་ཡིན་ལ།དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ཀྱི་གཞི་རྩའི་རེ་བའང་ཡིན།སློབ་མ་ཞིག་ལ་སློབ་གསོ་ཡག་པོ་ཞིག་གཏོང་དགོས་ན།ཐོག་མར་སློབ་མ་ལ་སེམས་ཁུར་དང་ཤ་ཚ་ཤེས་དགོས་པ་མ་ཟད།སློབ་མའི་བློས་ཐུབ་ཀྱི་གྲོགས་པོ་བྱ་དགོས།འཛིན་བདག་གི་ལས་འགན་ཁུར་བའི་མི་ལོ་ཉེར་བཞིའི་རིང་ལ།བདག་གཉེར་དོ་དམ་གྱི་ཁྲོད་དུ་སློབ་མ་ཚོར་ཧ་ཅང་གཟབ་ནན་ཡིན་ན་ཡང་།སློབ་མར་དཀའ་ཁག་འཕྲད་དུས་ཁོས་རོགས་སྐྱོར་ཐོབ་པ་ཆེས་མང་པ་ཡིན།རང་ཉིད་ཁོ་བོའི་ལས་གྲོགས་ཤིག་ཡིན་པའི་ཆ་ནས།ལས་ཚོགས་གྲོལ་རྗེས་སུ།དགེ་རྒན་ལགས་ཀྱིས་གཟུགས་བརྙན་ནམ་ཡང་སློབ་གྲྭའི་གཞུང་སྒྲུབ་ཁང་དང་སློབ་ཁང་ནསམཐོང་ཐུབ་ལ། ཁོའི་ལས་ཀ་ནི་སློབ་སྦྱོང་ལ་ཞན་པ་དང་སེམས་ཁམས་ཐད་གནད་དོན་ཡོད་པའི་་སློབ་གྲོགས་ཚོར་ཁ་བརྡ་དང་སེམས་གཏམ་བརྗོད་རྒྱུ་དེ་ཡིན།ཁོ་བོས་དུས་རྒྱུན་དུསློབ་མ་ནི་ང་ཚོའི་བྱིས་པ་ཡིན། ང་ཚོས་རང་ཉིད་ཁོ་ཚོའི་ཕ་མ་ཞིག་གི་ཟུར་ཚད་ནས་ལངས་ཏེ་ཁོ་ཚོར་སེམས་ཁུར་དང་རོགས་རམ་བྱ་དགོས་པ་མ་ཟད། སློབ་གསོ་བཏང་སྟེ་ཁོ་ཚོར་མི་གཞི་ཡག་པོ་ཞིག་ཏུ་སྐྱེད་སྲིང་བྱེད་དགོསཟེར་བཞིན་འཛིན་གྲྭའི་ནང་གི་དཀའ་ཁག་ཅན་གྱི་སློབ་མ་དང་གཞིས་སྲུང་བྱིས་པ།དབང་བོ་སྐྱོན་ཅན་གྱི་སློབ་མའི་ཁྱིམ་དུ་སོང་སྟེ་གནད་དོན་དངོས་ལ་རྒྱུས་ལོན་དང་རྩད་གཅོད་བྱས་ཏེ་སོ་སོར་རྒྱུ་དངོས་དང་སེམས་ཤུགས་ཀྱིས་རོགས་སྐྱོར་གནང་བར་སློབ་གྲོགས་མང་བོར་བདེ་སྐྱིད་ཀྱི་དྲོད་སྣང་བསྩལ་ཞིང་ཁྱིམ་བདག་དང་བྱིས་པ་མང་བོ་ཞིག་ལ་སེམས་འགུལ་དང་ཤན་ཤུགས་ཐེབས་ཡོད།གཞན་ད་དུང་དགེ་སློབ་བར་གྱི་འབྲེལ་བ་ཤིན་ཏུ་བཟང་པས་སློབ་གྲོགས་ཚོས་རང་འགུལ་སྒོས་སློབ་སྦྱོང་ལ་ཧུར་བརྩོན།་སྒྲིག་ལམ་དང་གཙང་སྦྲ་སོགས་ལའང་ཧ་ཅང་དང་དོད་བྱེད་པས་དུས་རྒྱུན་སློབ་གྲྭའི་ནང་གི་འཛིན་གྲྭ་ཡོངས་ཀྱི་ཞིབ་བསྡུར་ཁྲོད་ནམ་ཡང་མདུན་གྲལ་དུ་སླེབས་ཡོད།
微信图片_20191112113132.jpg
༣ གཡུར་ཟའི་གྲུབ་འབྲས་ནམ་ཡང་ཁུར་དུ་ལྕི།
ཉིན་ནས་ཟླ་དང་།ཟླ་ནས་ལོ་བརྩེགས་པའི་དུས་ཡུན་རིང་བོར། དགེ་རྒན་ཁོང་ཉིད་ལས་རིགས་ལ་དགའ་བ་དང་སློབ་མར་དགའ་ཞེན་ཆེ་བའི་དབང་གིས་སློབ་གསོའི་སློབ་ཁྲིད་ཁྲོད་གྲུབ་འབྲས་ལེགས་པོར་བླངས་ཏེ་ལོ་རེའི་རྒྱུགས་གཞིའི་ཚད་འཇལ་ཁྲོད་ཐེངས་མང་བོར་ཕུལ་བྱུང་དགེ་རྒན་དུ་བདམས།   སློབ་གྲྭས་ཁྱད་འཕགས་དགེ་རྒན་དང་དཔེ་ལེགས་དགེ་རྒན་སོགས་འདེམས་སྐབས་ཁོས་རང་འགུལ་གྱིས་སློབ་གྲྭའི་འགོ་ཁྲིད་ལངའི་གྲུབ་འབྲས་ནི་ང་ཁོ་ནའི་མ་ཡིན་པར་མི་ཚང་མའི་ཐུན་མོང་གི་འབད་བརྩོན་གྱི་མཇུག་འབྲས་ཡིན་ལ།ལོ་ཆུང་དགེ་རྒན་རྣམས་ནི་སློབ་གྲྭའི་མ་འོངས་པའི་རྐང་འཛིན་དགེ་རྒན་ཡིན་པས།མཚན་སྙན་འདི་དག་གིས་ན་གཞོན་དགེ་རྒན་དག་ལ་སྐུལ་ལྕག་བཏང་ན་འགྲིགཟེར་ནས་ཚད་ལྡན་གྱི་མི་དམངས་དགེ་རྒན་ཞིག་གི་ཀུན་སྤྱོད་དང་གུང་ཁྲན་ཏང་ཡོན་ཞིག་གི་བླ་མེད་ཀྱི་གཤིས་རྒྱུད་མངོན་ཏེ་ན་གཞོན་དགེ་རྒན་དག་ལས་རིགས་ལ་དགའ་ཞེན་གནང་བར་རྨང་གཞི་གདིང་བར་སྒེར་སེམས་བྲལ་བའི་དཔེ་སྟོན་གནང་བ་ཡིན།གཞན་ལོ་རེ་རེར་སི་ཁྲོན་རྔ་བ་རྫོང་དང་མཛོད་དགེ་རྫོང་།མཚོ་སྔོན་མགོ་ལོག་ཁུལ་དང་།མཚོ་ལྷོ་ཁུལ།མཚོ་བྱང་ཁུལ།མཚོ་ཤར་གྲོང་ཁྱེར་གྱི་ཧྭ་ལུང་རྫོང་དང་ཞུན་ཧྭ་རྫོང་།རྨ་ལྷོ་ཁུལ་གྱི་རྫོང་བཞི་བོའི་སྤུན་ཟླ་སློབ་གྲྭ་ཁག་ལ་སྔ་ཕྱིར་ཐེངས༧༦༠ལྷག་གི་དཔེ་སྟོན་སློབ་ཁྲིད་གནང་བར་གོང་རིམ་འགོ་ཁྲིད་དང་ལས་གྲོགས་དག་གིས་གདེངས་འཇོག་གང་ལེགས་ཐོབ། སྐད་ཡིག་སློབ་ཁྲིད་ཁྲོད་དུ་སློབ་མའི་ལོ་ཚོད་དང་ལོ་རིམ་གྱི་མཐོ་དམའ་ལྟར་རེ་བ་མི་འདྲ་བ་བཟུང་སྟེ་རྩོམ་ཡིག་འབྲི་སྦྱོང་ནམ་ཡང་གཙིགས་སུ་འཛིན་ལ།   ཁོང་གིས་སློབ་ཚན་རེ་རེ་ཁྲིད་སྐབས་ཡི་གེ་འབྲི་ཀློག་དང་ཚིག་སྦྱོར་གྱི་ནང་དོན། རྩོམ་ཡིག་གི་རྣམ་པ་དང་རྩོམ་སྟངས་ཀྱི་ཁྱད་ཆོས་ལ་གོ་བ་ཟབ་མོ་ལེན་དུ་འཇུག་པ་དང་།     ཉིན་ཐོ་ནས་མགོ་བརྩམས་ཏེ་རྩོམ་ཡིག་འབྲི་སྦྱོང་ལ་ལྷག་ཏུ་བློ་ཞིབ་མོས་མཛུབ་སྟོན་གྱི་ལས་ཀའི་དཀའ་བ་ནམ་ཡང་འཁུར་དུ་ལེན།   ཁོང་གིས་ཧུར་བརྩོན་དང་འབད་པ་བྱས་པ་བརྒྱུད་༢༠༡༠ལོའི་ཟླ་བཞི་བར་དགེ་རྒན་ཁོང་གིས་མཛུབ་སྟོན་བྱས་པའི་དཔེ་ཁུགཅེས་པའི་སློབ་མའི་རྩོམ་ཡིག་ལ་ཞིང་ལྗོངས་ལྔའི་སློབ་གྲྭ་འབྲིང་ཆུང་གི་རྩོམ་ཡིག་འགྲན་བསྡུར་ཁྲོད་སློབ་ཆུང་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སློབ་རའི་ཚགས་པར དངགནས་མཆོག་གཅན་ཚ  རྨ་ལྷོ་ཚགས་པར   གངས་རྒྱན་ན་ཆུང་ཚགས་པརསོགས་ཀྱི་དེབ་ཚགས་སྟེང་དུ་དགེ་རྒན་ཁོང་གིས་མཛུབ་སྟོན་བྱས་པའི་སློབ་མའི་རྩོམ་ཡིག་མི་ཉུང་བ་ཞིག་བརྩི་རྒྱུ་ཡོད་པའི་ཚད་ཡིན། ཁོང་གིས་རང་གི་སློབ་ཁྲིད་ཉམས་མྱོང་དང་སློབ་ཁྲིད་བྱེད་ཐབས་གང་ཡོད་རང་སློབ་གྲྭའི་དགེ་རྒན་རྣམས་ལས་གཞན་ས་ཆ་གཞན་གྱི་དགེ་རྣམས་ལ་ཡང་མ་གསང་མ་སྦས་པར་སློབ་ཁྲིད་དཔེ་སྟོན་མང་པོ་གནངས་མྱོང་།   ༢༠༡༤ལོའི་ཟླ༡པར་མཚོ་སྔོན་མི་རིགས་སློབ་ཆེན་རྒྱུན་མཐུད་གསོ་སྦྱོང་ལྟེ་གནས་ཀྱིས་ཁོང་ཉིད༢༠༡༣ལོའི་བོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭའི་འཆད་ཁྲིད་དགེ་རྒན་ལ་གདན་ཞུ་བྱས་པ་དང་།      ༢༠༡༥ལོའི་ཟླ་༡༡པར་རྨ་ལྷོ་ཁུལ་གྱི་སློབ་གསོའི་སློབ་ཁྲིད་ཁྲོད་ཀྱི་དཔྱད་རྩོམ་འགྲན་བསྡུར་ཁྲོད་སློབ་ཐུན་སློབ་ཁྲིད་ཁྲོད་ཀུན་སྤྱོད་སློབ་གསོ་ལ་དོ་སྣང་བྱེད་དགོས་ཚུལ་སྐོར་གླེང་བཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ།༢༠༡༨ལོར་གཅན་ཚ་རྫོང་སློབ་གསོ་ཅུས་རྫོང་ཡོངས་ཀྱི་བསླབ་ཁྲིད་སྣེ་འདྲེན་པར་བདམས།༢༠༡༨ལོའི་ཟླ༨པར་རྨ་ལྷོ་ཁུལ་སློབ་གསོ་ཅུས་ཁུལ་ཡོངས་ཀྱི་ལས་ཞོར་སློབ་ཁྲིད་ཞིབ་འཇུག་པར་གདན་ཞུ་བྱས།གདན་ཞུ་དུས་ཡུན་ལོ་གསུམ༢༠༡༩ལོའི་ཟླ༥པར་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་སྐད་ཡིག་བསླབ་དེབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་དགུ་བའི་གྲོས་ཚོགས་ཐེངས༡༥པའི་སྐད་ཡིགདེབ་དང་པོའི་ཞིབ་བཤེར་མི་སྣར་གདན་ཞུ་བྱས། ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྱུར་ཁང་གིས་སློབ་ཆུང་སྐད་ཡིག་ལོ་རིམ་བཞི་བ་དང་ལྔ་བའི་སྦྱང་གཞི་ལྷན་ཐབས་སྒྲིག་པའི་ཞིབ་བཤེར་པར་གདན་ཞུ་བྱས། སློབ་གསོའི་སློབ་ཁྲིད་ཁྲོད་རྫོང་ཡོངས་ཀྱི་སློབ་ཁྲིད་རྒྱུ་སྤུས་ཚད་འཇལ་ཁྲོད་རྫོང་ཡོངས་ཀྱི་ཨང་དང་པོའི་བྱ་དགའ་ཐེངས་གཅིག་དང་།ཨང་གསུམ་པའི་བྱ་དགའ་ཐེངས་གཉིས།ཨང་བཞི་བའི་བྱ་དགའ་ཐེངས་གཉིས།སློབ་ཁྲིད་ཞིབ་འཇུག་ཁྲོད་ཁུལ་རིམ་པའི་བྱ་དགའ་ཐེངས་གསུམ་དང་།རྫོང་རིམ་པའི་བྱ་དགའ་ཐེངས་བཅུ་གསུམ།སློབ་གྲྭ་རིམ་པའི་བྱ་དགའ་ཐེངས་བཅུ་བཞི་བཅས་རིམ་པ་དང་རིགས་མི་འདྲ་བའི་མཚན་སྙན་ཐེངས་མང་པོར་ཐོབ།  
微信图片_20191112113137.jpg
 རེད་ཡ། ལོ་ངོ་སོ་གཉིས་ཀྱི་སློབ་གསོའི་ལམ་བུ་ནི།ལོ་ངོ་སོ་གཉིས་ཀྱི་དཀའ་སྡུག་གི་ལོ་ཟླ་སྟེ།དགེ་རྒན་ཁོང་ཉིད་ཐོག་མཐའ་བར་གསུམ་དུ་གཅན་ཚའི་རྨང་གཞིའི་སློབ་གསོའི་སྣེ་ཁྲིད་པའི་མདུན་སར་ཚུད་ཡོདཔས།ཁོང་ནི་དགེ་སློབ་ཀུན་གྱི་སེམས་ནང་གི་མར་མེ་ཚེ་འབར་ཏེ་ནམ་ཡང་རང་ཉིད་ཀྱི་ལང་ཚོ་མི་རིགས་སློབ་གསོར་བསྟུན་པའི་དགེ་རྒན་བཟང་པོ་དང་།ལས་གྲོགས་དགའ་བོ།བླ་མེད་ཀྱི་གཤིས་རྒྱུད་མངོན་པའི་གུང་ཁྲན་ཏང་ཡོན་དེ་ཡིན། ཁོ་བོས་བླངས་པའི་མཚན་སྙན་དང་གྲུབ་འབྲས་ཡོད་ཚད་ཁོ་ལ་འགྱུར་མེད་ཀྱི་དད་སེམས་བརྟན་པོ་ཞིག་དང་ལས་རིགས་ལ་ཞེན་པའི་སེམས་ཤུགས་དྲག་པོ་ཞིག   འགན་ཁུར་གྱི་འདུ་ཤེས་ཟབ་མོ་ཞིག་དང་།ལྷོད་མེད་ཀྱི་འབད་བརྩོན་རིང་བོ་ཞིག།ཞིབ་ཚགས་ཀྱིས་བྱ་བར་བཟུང་བའི་རྣམ་འགྱུར་བཅས་ཡོད་པས་ཡིན་ལ།ཁོས་ལག་ལེན་དངོས་ཀྱི་ཐོག་ནས་བློ་དཀར་དྲང་བདེན་སྒོས་ཏང་གི་མི་རིགས་སློབ་གསོ་ལེགས་པོར་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་མངོན་འགྱུར་བྱས་འདུག་ལ།ལྷག་པར་དུ་ཡ་རབས་མཆོག་གྱུར་གྱི་དགེ་རྒན་ཞིག་གི་ཀུན་སྤྱོད་བློ་སྦྱོང་དང་།རྩེར་སོན་གྱི་མི་གཞི་གསོ་བའི་སྒྱུ་རྩལ།སྒེར་སེམས་མེད་པའི་བསམ་བློའི་སྙིང་སྟོབས་བཅས་ཀྱིས་ཏང་གི་མི་རིགས་སློབ་གསོའི་བྱ་གཞག་ལ་བློ་སེམས་དཀར་བའི་མི་དམངས་དགེ་རྒན་བཟང་པོ་ཞིག་གི་སྣང་བརྙན་དེ་བཞེངས་བསྐྲུན་བྱས་ཡོད་དོ།།
  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།