སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅།།རང་སློབ་གྲྭས་གཅེས་སེམས་འབུལ་བའི་བྱ་འགུལ་སྤེལ་བ།

སྤེལ་དུས། 2018-10-24 11:06:19    རྡེབ་ཚད།
མཉམ་སྤྱོད་གནས།
   

微信图片_20181024110806.jpg

       ཟླ10ཚེས24ཉིན་གྱི་སྔ་དྲོར་སློབ་གྲྭའི་དཔེ་མཛོད་ཁང་དུ་དབང་བོ་སྐྱོན་ཅན་གྱི་བྱིས་པར་སེམས་ཁུར་མཚོན་པའི་གཅེས་སེམས་བྱ་འགུལ་སྤེལ།ཐེངས་འདིའི་བྱ་འགུལ་ནི་རྒྱལ་ཡོངས་གོང་འོག་བར་གསུམ་གྱི་དབང་བོ་སྐྱོན་ཅན་ལ་སེམས་ཁུར་བྱེད་པའི་དགོངས་དོན་ལག་ལེན་དོན་འཁྱོལ་ཡོང་བ་དང་སློབ་གྲྭས་དབང་བོ་སྐྱོན་ཅན་གྱི་འཚོ་བར་སེམས་ཁུར་མཚོན་པའི་བྱ་འགུལ་གལ་ཆེན་ཞིག་ཡིན་ལ།བྱ་འགུལ་སྟེང་དུ་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སློབ་གཙོ་གཞོན་པ་ཆོས་སྐྱོང་བཀྲ་ཤིས་ཀྱིས་དབང་བོ་སྐྱོན་ཅན་གྱི་སློབ་མ་དང་སློབ་མའི་ཁྱིམ་བདག་རྣམས་ལ་སེམས་ཁུར་མཚོན་པའི་མཚམས་འདྲི་བྱས་པ་མ་ཟད།ལུས་སྐྱོན་ཅན་ཡིན་ཡང་སེམས་སྐྱོན་ཅན་མིན་པའི་འདུ་ཤེས་ཟབ་མོ་བཟུང་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་བཟང་བོ་ཞིག་བྱེད་དགོས་པའི་རེ་བ་བཏོན།ཁྱིམ་བདག་འཐུས་ཚབ་ལགས་ཀྱིས་བཀའ་དྲིན་མཚོན་པའི་ཁ་བཏགས་ལག་ཏུ་བཟུང་སྟེ་་སློབ་གྲྭའི་གོང་འོག་བར་གསུམ་གྱི་བྱིས་པ་རྣམས་ལ་སེམས་ཁུར་བྱས་པར་སེམས་སྟེང་ནས་བཀའ་དྲིན་ཞུ།ཐེངས་འདིའི་བྱ་འགུལ་དུ་དབང་བོ་སྐྱོན་ཅན་གྱི་བྱིས་པ་བཅོ་བརྒྱད་ལ་རིན་ཐང་སྒོར་ཁྲི་གཅིག་ལས་བརྒལ་བའི་དགུན་དུས་ལྭ་བ་ཆ་ཚང་རེ་བྱིན།

微信图片_20181024110855.jpg

བྱ་འགུལ་ཡུལ་དངོས།

微信图片_20181024110836.jpg

ཁྱིམ་བདག་འཐུས་ཚབ་ཀྱིས་བཀའ་དྲིན་མཚོན་པའི་ཁ་བཏགས་འབུལ་བ།

  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།