སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

༄༅། ། ཟླ་རྒྱུགས་ཁྲོད་རྒྱུགས་འབྲས་ལེགས་པའི་སློབ་མར་བྱ་དགའ་བྱིནཔ།

སྤེལ་དུས། 2018-10-23 18:46:26    རྡེབ་ཚད།
མཉམ་སྤྱོད་གནས།
   

         སྤྱི་ལོ2018ལོའི་ཟླ10བའི་ཚེས19ཉིན་གྱི་སྔ་དྲོར།  རང་སློབ་གྲྭས་ཟླ9བའི་ཟླ་རྒྱུགས་ཁྲོད་དུ་འཛིན་གྲྭ་རེའི་ནང་ནས་ཆ་སྙོམས་བསླབ་བྱ་སྐར་འབྲས་ཕུལ་བྱུང་ཅན་བླངས་པའི་སློབ་མ་གསུམ་རེ་འདེམས་ནས་བསྡོམས་པས་སློབ་མ66བཅས་ལ་གཟེངས་བསྟོད་བྱ་དགའ་གནང་།

微信图片_20181023183258.jpg

ཟླ་རྒྱུགས་ཁྲོད་རྒྱུགས་འབྲས་ཕུལ་བྱུང་ཅན་བླངས་པའི་སློབ་མ།

བྱིས་པའི་སློབ་གསོར་མཐོང་ཆེན་བྱེད་པ་ནི་མི་རིགས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་བྱས་པ་ཡིན་ལ། བྱིས་པའི་འཚར་ལོངས་ལ་གཙིགས་ཆེན་བྱེད་པ་ནི་མ་འོངས་པ་ལ་གཙིགས་ཆེན་བྱས་པ་ཡིན།བྱིས་པའི་རྨི་ལམ་གྱི་འཇིག་རྟེན་མཛེས་སྡུག་གིས་ཁེངས་ཡོད་པས། ང་ཚོས་མཛེས་སྡུག་གི་རྨི་ལམ་དེ་མངོན་འགྱུར་ཡོང་བར་སྐུལ་མ་གཏོང་དགོས།

微信图片_20181023183354.jpg
       སློབ་མ་ནི་གསར་དུ་བཞད་པའི་མེ་ཏོག་དང་། དགེ་རྒན་ནི་མེ་ཏོག་དེ་དང་འབྲེལ་བའི་རྫ་བུམ་དང་འབྱུང་བཞིའི་སྦྱོར་བ་ལྟ་བུ་ཡིན་པས། དགེ་རྒན་ནི་སློབ་མའི་ཡོན་ཚད་ལ་སྒུལ་ཤུགས་དང་སྟོབས་ཤུགས་སྦྱིན་ཐུབ་པའི་སྙིང་གི་འཕར་རྩར་འགྱུར་རྒྱུར་འབད་དགོས་སོ།།

微信图片_20181023184954.jpg

 

                སྤྲོ་སྣང་སྐྱེད་སྲིང་བྱེད་རྒྱུ་ནི་སློབ་གསོའི་འགག་སྒོ་ཡིན་པས། སྤྲོ་སྣང་གི་ས་བོན་ནི་སློབ་གྲྭའི་དོ་དམ་ལ་བརྟེན་ནས་འབྱུང་དགོས་ལ། སྤྲོ་སྣང་གི་གཞུང་ཤིང་དགེ་རྒན་གྱི་ནུས་པར་བརྟེན་ནས་སྐྱེས་དགོས། སྤྲོ་སྣང་གི་ལོ་འདབ་སློབ་ཁྲིད་ཀྱི་ཁ་ཕྱོགས་ལ་བརྟེན་ནས་རྒྱས་དགོས། སྤྲོ་སྣང་གི་འབྲས་བུ་སློབ་མའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་བསྡུ་དགོས། 

微信图片_20181023184954.jpg

འཕྲིན་གསར་འདི་སློབ་སྟོན་ཁང་གིས་འདོན་སྤེལ་བྱས
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།