༄།།རང་སློབ་གྲྭས་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བ།
སྤེལ་དུས། 2017-06-04 11:41:38 རྡེབ་ཚད།
རང་སློབ་གྲྭས་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བ།
ཟླ༦པའི་ཚེས༡ཉིན་གྱི་སྔ་དྲོར་རང་སློབ་གྲྭས་སྐབས༦༧པའི་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་བྱ་འགུལ་སྤེལ། སྔ་དྲོའི་དུས་ཚོད་དགུའི་སྟེང་ལོ་ཆུང་གདོང་ལེན་རུ་ཁག་གིས་རྔ་སྦུབ་རྡུང་བའི་འགྲོས་དང་བསྟུན་ནས་རུ་མི་སྟོང་ལ་ཉེ་བ་ལྷག་ཚོགས་རར་ཞུགས་ཏེ་རང་ཉིད་ལ་དབང་བའི་དུས་ཆེན་བསུ། རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཀྲང་ཡང་བེ་ཕིན་དང་རྫོང་དཔོན་གཞོན་པ་འོ་ཕྲུག དམངས་ཆེན་ཀྲུའུ་རིན་ཟུར་པ་རྡོ་རྗེ་སོགས་རྫོང་དང་ཐད་གཏོགས་ལས་ཁུངས། ཞང་དང་གྲོང་བརྡལ་སོགས་ཀྱི་འགོ་ཁྲིད་རྣམས་དུས་ཆེན་བསུ་བའི་མཛད་སྒོར་ཞུགས།མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུ་ཁྲོད་འགོ་བརྩམས་ཤིང་།སློབ་གཙོ་གཞོན་པ་འབྲུག་གོ་ཐར་གྱིས་དུས་ཆེན་ལ་ཤིས་ཚིག་ཕུལ་བ་དང་ཕུལ་བྱུུང་ལོ་ཆུང་གདོང་ལེན་པའམ་ལྔ་གཉིས་འཛིན་གྲྭའི་སློབ་གྲོགས་རིག་བཟང་སྒྲོལ་མས་སློབ་མའི་འཐུས་ཚབ་ཏུ་གཏམ་བཤད། ལོ་ཆུང་གདོང་ལེན་རུ་མི་སྟོང་ལ་ཉེ་བ་ལྷག་གིས་དམ་བཅའ་བཞག མཛད་སྒོའི་སྟེང་ད་དུང་གསུམ་བཟང་སློབ་མ་དང་། འཛིན་གྲྭའི་ཕུལ་བྱུང་ལས་བྱེད། ཕུལ་བྱུང་ལོ་ཆུང་གདོང་ལེན་པ། སློབ་རའི་རྩོམ་པ་པོ་ཆུང་ཆུང་། ཀུན་སྤྱོད་དཔེ་ལེགས་སློབ་མ། དཔལ་ཡོན་འཛིན་གྲྭ་སོགས་ཀྱི་མཚན་སྙན་ཐོབ་པའི་མི་སྒེར་དང་སློབ་མར་གཟེངས་བསྟོད་བྱས།མཇུག་ཏུ་སློབ་གྲོགས་ཡོངས<སྲིང་ཆུང་མ།གར་ལ་འགྲོ>ཞེས་པའི་གར་གྱི་ཡོལ་བ་དང་བསྟུན་ནས་རིག་རྩལ་འཁྲབ་སྟོན་ལ་དངོས་སུ་ཞུགས།
རྒྱལ་དར་རུ་ཁག
རྔ་སྦུབ་རུ་ཁག
སྐུ་མགྲོན་རྣམས་ལ་སྐེ་བཏགས་དམར་བོ་འདོགས་བཞིན་པ།
དུས་ཆེན་ལ་ཤིས་ཚིག་འབུལ་བཞིན་པ།
སློབ་མའི་འཐུས་ཚབ་ཀྱིས་གཏམ་བཤད་བཞིན་པ།
རུ་མི་ཡོངས་ཀྱིས་དམ་བཅའ་འཇོག་བཞིན་པ།
བྱ་དགའ་ཐོབ་པའི་སློབ་མ་འགའ།
སློབ་རའི་མདོ་འཛིན་པ་ཆུང་ཆུང་།
གར་གྱི་སྟངས་སྟབས།
སློབ་རའི་གླུ་བ་ཆུང་ཆུང་།

དགའ་མོས་འཛིན་གྲྭའི་སློབ་མ།(རོལ་དབྱངས)

འཛིན་གྲྭའི་འཁྲབ་སྟོན་པ་ཆུང་ཆུང་དང་དགེ་རྒན་མཉམ་སྐྱོན་འདྲ་པར།

མཛད་སྒོའི་འགོ་འཛིན་པ།